Jul 4, 2013

༄༅། ། ཕྱི་ལོ་༢༠༡༣་ལོའི་བལ་ཡུལ་འཇང་དགུན་ཆོས་ཀྱི་གསལ་བསྒྲགས།


ཇི་ལྟར་དགོངས་མངའ་བཞིན། འདི་ག་བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཁྱབ་ཁོངས་དགོན་སྡེ་ཁག་གི་ སློབ་གཉེར་བ་རྣམས་བསྡུ་འཛོམས་ཀྱིས་ཚད་མའི་གཞུང་ལ་སྦྱངས་བརྩོན་བྱེད་རྒྱུའི་ ཆེད་འཇང་དགུན་ཆོས་ཀྱི་ཆོས་ཐོག་ཆེན་མོ་ལོ་ལྟར་ཚོགས་བཞིན་ཡོད་པ་ལྟར་འདི་ལོ་ ཡང་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་ཟླ་༨སྔ་མའི་ཚེས་༡༡ །ཕྱི་ལོ་༢༠༡༣་ཟླ་བ་༩་ཚེས་༡༥ནས་ཉིན་གྲངས་བཅོ་ལྔའི་རིང་ཀོ་པཎ་འོག་མིན་བྱང་ཆུབ་ཆོས་གླིང་གྲྭ་ཚང་དུ་འདི་ལོའི་ བལ་ཡུལ་འཇང་དགུན་ཆོས་ཚོགས་གཏན་འཁེལ་བ་ལགས་ན་བལ་ཡུལ་ཁུལ་གྱི་སྔ་འགྱུར་རྙིང་ མའི་ཆོས་བརྒྱུད། བཀའ་བརྒྱུད་ཆོས་བརྒྱུད། ས་སྐྱའི་ཆོས་བརྒྱུད། གཡུང་དྲུང་བོན་གྱི་ཆོས་བརྒྱུད་བཅས་ཀྱི་ཆོས་བརྒྱུད་ཁག་གི་བཤད་གྲྭ་ཁག་ནས་འཇང་ དགུན་ཆོས་ལ་ཕེབས་འདོད་ཡོད་ཚེ་བོད་ཟླ་༧ ཚེས་༡ གོང་འདི་གའི་ལྷན་ཚོགས་ལ་འབྲེལ་བ་གནང་ཚེ་གྲ་སྒྲིག་འཐུས་ཚང་ཡོད་པས་དེ་ལུགས་ དགོངས་པ་མངའ་བ་ཞུ།།