Jun 13, 2011

༄༅། །གནས་བརྟན་སྡེ་པའི་ལུགས་ལྟར་སྟོན་པའི་༢༥༥༥། ལོའི་སྐུ་བལྟམས་པ་སོགས་དུས་ཆེན་ཁྱད་པར་ཅན་སྲུང་རྩི་ཞུས་པ།


དེ་ཉ

ིན་བལ་ཡུལ་རྒྱལ་ཡོངས་གུང་སེང་ཐོག་ས་གནས་གང་སར་སྟོན་པ་སྐུ་བལྟམས་ནས་ལོ་ངོ་༢༥༥༥། འཁོར་བའི་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་འཚོགས་ཡོད། དེ་བཞིན་གནས་མཆོག་ལུམ་བྷི་ནིར་སྟོན་པ་སྐུ་བལྟམས་པའི་དུས་ཆེན་ཁྱད་པར་ཅན་གྱི་ཉིན་རྒྱལ་སྤྱིའི་ཞི་བདེའི་གཟེངས་རྟགས་ཀྱང་འབུལ་བཞེས་ཀྱི་མཛད་སྒོ་ཟབ་རྒྱས་ཤིག་ཚོགས་ཡོད། མཛད་སྒོའི་དབུ་བཞུགས་གཙོ་བོ་སྲིད་འཛིན་རཱམ་བྷ་རཱམ་ཡ་དཱབ་མཆོག་ནས་ཉི་ཧོང་གི་གྲོང་ཁྱེར་ཆེན་པོ་ཧི་རོ་ཤི་མའི་ས་གནས་འགོ་འཛིན་ཏ་ད་ཏོ་ཤི་ཨ་ཀི་བ་དང༌། ན་ག་ས་ཀིའི་ས་གནས་འགོ་འཛིན་ཏོ་མི་ཧི་ས་ཏའོ་གཉིས་ལ་གནང་ཡོད། ཁོང་གཉིས་ནི་རྒྱལ་སྤྱིའི་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཐེངས་དང་པོ་དེ་ཆགས་ཡོད། མཛད་སྒོའི་སྐུ་མགྲོན་དུ་ཆོས་བརྒྱུད་ཆེན་པོ་བཞིའི་ལྷན་ཚོགས་སུ་མགྲོན་བརྡ་འབྱོར་བ་བཞིན་འདི་གའི་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་ཆེད་ཕེབས་ཀྱིས་མཛད་སྒོར་མཉམ་བཞུགས་གནང་ཡོད། དེ་བཞིན་བལ་ཡུལ་རྒྱལ་སར་ རྐྱཏྲཎརྟྟནཕྲ དཎརྡརྡ ྒཎནཎརྡཎརྟདྲ

ཚོགས་ཁང་དུ་དགོན་པ་ཡར་རྒྱས་དང་ལྟ་རྟོགས་ཚོགས་པའི་གོ་སྒྲིག་འོག་སྐུ་མགྲོན་གཙོ་བོ་རྩ་ཁྲིམས་ཟིན་བྲིས་ལྷན་ཚོགས་ཀྱི་ཚོགས་གཙོ་སུ་བྷཤ་ནེ་བང་མཆོག་དང་ཆོས་བརྒྱུད་ཆེན་པོ་བཞིའི་སྐུ་ཚབ་ལྷན་ཚོགས་ཀྱིས་མཛད་སྒོ་ཟབ་རྒྱས་ཤིག་ཚོགས་ཐུབ་པ་བྱུང་ཡོད། དེར་ཆོས་བརྒྱུད་ཆེན་པོ་བཞིའི་དགེ་བཙུན་སྟོང་ཕྲག་ཙམ་བསྡུ་འཛོམས་གྱིས་བྱུང་སྟེ་ཐེག་ཆེན། ཐེག་དམན། བཇ་ར་ཅར་ཡ་སོགས་ནས་ཤིས་བརྗོད་སྨོན་ལམ་དང༌། དེ་རྗེས་ལྷན་ཚོགས་ཀྱི་སློབ་སྟོན་པ་༧སྐྱབས་རྗེ་ཤྲི་ཆུ་བཟང་རིན་པོ་ཆེ་མཆོག་ནས་ཐེག་ཆེན་གྱི་སྐུ་ཚབ་གནང་སྟེ་མཛད་རིམ་དང་འབྲེལ་གསུང་བཤད་ཟབ་རྒྱས་ངང་གནང་བ་སོགས་མཛད་སྒོ་ཟབ་རྒྱས་ངང་གྲོལ་ཡོད། འདི་གའི་ལྷན་ཚོགས་ཀྱི་ཚོགས་གཞོན་དང་དྲུང་ཆེ་གཉིས་ནས་གཞུང་འབྲེལ་གྱི་མཛད་སྒོའི་གོ་སྒྲིག་ཚོགས་ཆུང་གི་ཐུགས་འགན་བཞེས་སྟེ་མཐུན་འགྱུར་གནང་ཡོད།