Apr 26, 2011

༄༅། །བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་ལོ་འཁོར་ལས་བསྡོམས་ཚོགས་ཆེན།


༄༅། །བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་ལོ་འཁོར་ལས་བསྡོམས་ཚོགས་ཆེན།

ཕྱི་ལོ་༢༠༡༡ ཕྱི་ཟླ་༤ ཚེས་༡༥ རེས་གཟའ་པ་སངས་ཉིན་བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་སྒྲིག་གཞི་ལེའུ་དང་པོའི་ནང་གསེས་དོན་ཚན་ཏ༽པའི་ནང་གསལ་ལོ་རེར་ཚོགས་ཆེན་ཐེངས་གཅིག་བསྐྱངས་རྒྱུ་དང༌། ཚོགས་ཆེན་ཐོག་ལོར་འཁོར་ལས་བསྡོམས་དང༌། རྩིས་ཁྲ་སོགས་སྙན་གསེ་ཐོག་མ་འོངས་པའི་ལས་འཆར་ཁག་ལ་ལམ་སྟོན་བཀའ་སློབ་ཞུ་རྒྱུ། ཞེས་གསལ་བ་བཞིན་མཆོད་ཇོར་ས་གནས་འགོ་འཛིན་ཚོགས་ཁང་དུ་ལོ་འཁོར་ལས་བསྡོམས་ཚོགས་ཡོད། དེ་ཉིན་འདི་གའི་ལྷན་ཚོགས་ཀྱི་ཁྱབ་ཁོངས་དགོན་ཁག་བཅུའི་སློབ་སྟོན་པ་མཁན་བླ་རྣམས་པ་དང༌། འགན་འཛིན་རྣམ་པ། དགེ་བསྐོས་རྣམ་པ། ཤེས་ཡོན་འགན་འཛིན་རྣམ་པ། དཔེ་ཁྲིད་དགེ་རྒན་རྣམ་པ། སློབ་གཉེར་བའི་འཐུས་མི་གཉིས་རེ་དང༌། རྒྱུན་ལས་ཚོགས་མི་བཅས་མི་གྲངས་བརྒྱད་བཅུ་ལྷག་ཞོགས་པ་ཕྱག་ཚོད་༩ པའི་ཐོག་ཚང་འཛོམས་བྱུང་ཡོད། ཐོག་མར་གསོལ་ཇ་དང༌། འབྲས་བསིལ་འདེགས་འབུལ་ཞུས་མཚམས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་ལོ་འཁོར་གཅིག་གི་བྱུང་སོང་བསྡད་གསུམ་གྱི་རྩིས་ཁྲ་ཁམས་དྭངས་སྙན་གསེང་དང་འབྲེལ་ལས་དོན་ཁག་གི་སྐོར་ལ་གསལ་བཤད་མཐིལ་ཕྱིན་པ་ཞུས་པ་དང༌། དེ་རྗེས་ཚོགས་གཞོན་ནས་ལས་བསྡོམས་དང༌། དངོས་ཐོ་བཅས་སྙན་སྒྲོན་ཞུས་པ་དང༌། དེ་རྗེས་སློབ་སྟོན་པ། མཁན་བླ་རྣམ་པ་གཙོས་ཚོགས་བཞུགས་པ་ཡོངས་ནས་དགོངས་འཆར་བཀའ་སློབ་ལམ་སྟོན་ལྷུགས་རྩལ་ཐོག་མ་འོངས་ལས་དོན་ཡར་རྒྱས་གོང་འཕེལགཏོང་ཕྱོགས་ཀྱི་ལས་དོན་གྲ་སྒྲིག་ཞུ་ཐུབ་པ་བྱུང་བ་དང༌། ཁྱབ་ཁོངས་དགོན་སྡེ་ཁག་གི་སློབ་གཉེར་ཡར་རྒྱས་ལ་སྨན་པའི་ལས་དོན་ཁག་གྲ་སྒྲིག་བྱེད་ཐུབ་པ་སོགས་སྐབས་འདིའི་ལས་དོན་ཚོགས་ཆེན་རྒྱལ་ཁའི་ངང་མཇུག་སྒྲིལ་བ་ཡིན།