Mar 23, 2011

༄༅།།ཕྱི་ལོ་༢༠༡༡་བོད་ཟླ་༡་ཚེས་༡༡་རེས་གཟའ་ལྷག་པའི་ཉིན་ཞྭ་སེར་བསྟན་པའི་སྲོལ་འཛིན་མཁས་


༄༅།།ཕྱི་ལོ་༢༠༡༡་བོད་ཟླ་༡་ཚེས་༡༡་རེས་གཟའ་ལྷག་པའི་ཉིན་ཞྭ་སེར་བསྟན་པའི་སྲོལ་འཛིན་མཁས་ཤིང་གྲུབ་པའི་དབང་ཕྱུག་༧སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་དཔལ་བཟང་པོ་མཆོག་གི་དབུ་བཞུགས་ཐོག་རབ་འབྱམས་པའི་ཕྱག་འཁྱེར་དང་སློབ་མ་རྩེ་ཕུད་ཀྱི་བྱ་དགའི་མཛད་སྒོ་ཟབ་རྒྱས་ཤིག་ཚོགས་གནང་ཡོད། ཐོག་མར་༧སྐྱབས་རྗེ་བྱང་རྩེ་རིན་པོ་མཆོག་རྒྱ་གླིང་དང་སྤོས་སྣེས་སྔོན་བསུས་ཏེ་གདན་འདྲེན་ཞུས་མཚམས་སྨོན་ལམ་དབུ་མཛད་ཆེན་མོ་མཆོག་ནས་ཡན་ལག་བདུན་པ་མན་དལ་བཅས་འདེགས་འབུལ་ཞུས་པ་དང་དེ་རྗེས་དགེ་འདུན་འདུས་པ་རྒྱ་མཚོར་གསོལ་ཇ་དང་འབྲས་བསིལ་འདེགས་འབུལ་གྲུབ་མཚམས་བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་མཛད་སྒོའི་སྐོར་ངོ་སྤྲོད་གནང་ཡོད། དེ་རྗེས་བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་གཞོན་ནས་ཕྱག་འཁྱེར་བཞེས་མཁན་རྣམས་ཀྱི་མཚན་ཐོ་སྒྲོགས་སྦྱང་གནང་བའི་རྗེས་༧སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་ནས་བལ་ཡུལ་དགེ་ལྡན་གཙུག་ལག་སློབ་གཉེར་ཁང་གི་རབ་འབྱམས་པའི་རྒྱུགས་སྤྲོད་ཆེན་མོ་ལེགས་པར་སློབ་ཐོན་པ་རྣམས་ལ་ཕྱག་འཁྱེར་གནང་བ་དང་དེ་བཞིན་དྲང་ངེས་ལེགས་བཤད་སྙིང་པོ་ཆ་ཚང་དང་འགྲེལ་བ་དོན་གསལ་ཆ་ཚང་བློ་རྒྱུགས་འཕུལ་མཁན་དང་ཁྱབ་ཁོངས་དགོན་སྡེ་ཁག་བཅུའི་སློབ་གཉེར་བ་རྩེ་ཕུད་རྣམས་ལ་ཡང་རྩེ་ཕུད་ཀྱི་བྱ་དགའ་གསོལ་བསྩལ་གནང་ཡོད།མཛད་སྒོའི་སྐུ་མགྲོན་གཙོ་བོ་བལ་ཡུལ་ནང་པའི་ཚོགས་ཆེན་གྱི་ཚོགས་གཙོ་མཁན་པོ་ངག་དབང་ཚུལ་ཁྲིམས་མཆོག་ནས་ཐུགས་འཁུར་ཆེ་བཞེས་ཀྱིས་རྒྱབ་སྐྱོར་དང་གསུང་བཤད་གནང་ཡོད། མཐའ་དོན་མཛད་སྒོའི་དབུ་བཞུགས་གཙོ་བོ་ཞྭ་སེར་བསྟན་པའི་སྲོལ་འཛིན་མཁས་ཤིང་གྲུབ་པའི་དབང་ཕྱུག་༧སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་དཔལ་བཟང་པོ་མཆོག་ནས་རབ་འབྱམས་པའི་ཕྱག་འཁྱེར་བཞེས་མཁན་གཙོས་དགེ་འདུན་འདུས་མང་ཡོངས་ལ་གཞུང་ཆེན་སློབ་གཉེར་བྱ་དགོས་པའི་བཀའ་སློབ་ཟབ་ཅིང་རྒྱ་ཆེ་བ་གནང་ཡོད། མཛད་སྒོའི་ཐོག་ཀོ་པན་འོག་མིན་བྱང་ཆུབ་ཆོས་གླིང་དགོན་གྱི་མཁན་རིན་པོ་ཆེ་མཆོག  ༊གཞུང་དགོན་བསམ་གཏན་དགོན་གྱི་མཁན་རིན་པོ་ཆེ། ཀུན་བརྩེ་རིན་པོ་ཆེ། སྐྱིད་གྲོང་བཙུན་ཐུགས་རྗེ་ཆོས་གླིང་གི་མཁན་པོ། གཞན་ཡང་འདི་གའི་ཁྱབ་ཁོངས་དགོན་སྡེ་ཁག་གི་གྲྭ་བཙུན་འདུས་མང་བཅས་ཕེབས་གནང་ཡོད། བལ་ཡུལ་དགེ་ལྡན་གཙུག་ལག་སློབ་གཉེར་ཁང་གི་རྒྱུགས་སྤྲོད་ཆེན་མོ་ཕྱི་ལོ་༢༠༡༠་བོད་ཟླ་༡༡་ཚེས་༡༣་ཉིན་ཀོ་པན་དགོན་དུ་ཚོགས་གནང་ཡོད་པ་དང་རྒྱུགས་སྤྲོད་ཆེན་མོའི་ནང་དབུ་མ་རྒྱུགས་གཏོང་མཁན་གྲངས་གསུམ་མཛོད་རྒྱུགས་གཏོང་མཁན་གྲངས་གཉིས་འདུལ་བ་རྒྱུགས་གཏོང་མཁན་གྲངས་བདུན་དང་བཙུན་མ་གྲངས་ནས་འཛུལ་བཞུགས་གནང་ཡོད་པ་ལས་ཕར་ཕྱིན་རྒྱུགས་གཏོང་མཁན་གྲངས་བརྒྱད་དབུ་མ་རྒྱུགས་གཏོང་མཁན་གྲངས་གཉིས་བསྡོམས་སློབ་གཉེར་བ་ཉི་ཤུ་མཉམ་བཞུགས་གནང་སྟེ་རྒྱུགས་སྤྲོད་ལེགས་སྒྲུབ་བྱུང་ཡོད།

དགའི་མཛད་སྒོ་ཟབ་རྒྱས་ཤིག་ཚོགས་གནང་ཡོད། ཐོག་མར་༧སྐྱབས་རྗེ་བྱང་རྩེ་རིན་པོ་མཆོག་རྒྱ་གླིང་དང་སྤོས་སྣེས་སྔོན་བསུས་ཏེ་གདན་འདྲེན་ཞུས་མཚམས་སྨོན་ལམ་དབུ་མཛད་ཆེན་མོ་མཆོག་ནས་ཡན་ལག་བདུན་པ་མན་དལ་བཅས་འདེགས་འབུལ་ཞུས་པ་དང་དེ་རྗེས་དགེ་འདུན་འདུས་པ་རྒྱ་མཚོར་གསོལ་ཇ་དང་འབྲས་བསིལ་འདེགས་འབུལ་གྲུབ་མཚམས་བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་མཛད་སྒོའི་སྐོར་ངོ་སྤྲོད་གནང་ཡོད། དེ་རྗེས་བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་གཞོན་ནས་ཕྱག་འཁྱེར་བཞེས་མཁན་རྣམས་ཀྱི་མཚན་ཐོ་སྒྲོགས་སྦྱང་གནང་བའི་རྗེས་༧སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་ནས་བལ་ཡུལ་དགེ་ལྡན་གཙུག་ལག་སློབ་གཉེར་ཁང་གི་རབ་འབྱམས་པའི་རྒྱུགས་སྤྲོད་ཆེན་མོ་ལེགས་པར་སློབ་ཐོན་པ་རྣམས་ལ་ཕྱག་འཁྱེར་གནང་བ་དང་དེ་བཞིན་དྲང་ངེས་ལེགས་བཤད་སྙིང་པོ་ཆ་ཚང་དང་འགྲེལ་བ་དོན་གསལ་ཆ་ཚང་བློ་རྒྱུགས་འཕུལ་མཁན་དང་ཁྱབ་ཁོངས་དགོན་སྡེ་ཁག་བཅུའི་སློབ་གཉེར་བ་རྩེ་ཕུད་རྣམས་ལ་ཡང་རྩེ་ཕུད་ཀྱི་བྱ་དགའ་གསོལ་བསྩལ་གནང་ཡོད།མཛད་སྒོའི་སྐུ་མགྲོན་གཙོ་བོ་བལ་ཡུལ་ནང་པའི་ཚོགས་ཆེན་གྱི་ཚོགས་གཙོ་མཁན་པོ་ངག་དབང་ཚུལ་ཁྲིམས་མཆོག་ནས་ཐུགས་འཁུར་ཆེ་བཞེས་ཀྱིས་རྒྱབ་སྐྱོར་དང་གསུང་བཤད་གནང་ཡོད། མཐའ་དོན་མཛད་སྒོའི་དབུ་བཞུགས་གཙོ་བོ་ཞྭ་སེར་བསྟན་པའི་སྲོལ་འཛིན་མཁས་ཤིང་གྲུབ་པའི་དབང་ཕྱུག་༧སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་དཔལ་བཟང་པོ་མཆོག་ནས་རབ་འབྱམས་པའི་ཕྱག་འཁྱེར་བཞེས་མཁན་གཙོས་དགེ་འདུན་འདུས་མང་ཡོངས་ལ་གཞུང་ཆེན་སློབ་གཉེར་བྱ་དགོས་པའི་བཀའ་སློབ་ཟབ་ཅིང་རྒྱ་ཆེ་བ་གནང་ཡོད། མཛད་སྒོའི་ཐོག་ཀོ་པན་འོག་མིན་བྱང་ཆུབ་ཆོས་གླིང་དགོན་གྱི་མཁན་རིན་པོ་ཆེ་མཆོག  ༊གཞུང་དགོན་བསམ་གཏན་དགོན་གྱི་མཁན་རིན་པོ་ཆེ། ཀུན་བརྩེ་རིན་པོ་ཆེ། སྐྱིད་གྲོང་བཙུན་ཐུགས་རྗེ་ཆོས་གླིང་གི་མཁན་པོ། གཞན་ཡང་འདི་གའི་ཁྱབ་ཁོངས་དགོན་སྡེ་ཁག་གི་གྲྭ་བཙུན་འདུས་མང་བཅས་ཕེབས་གནང་ཡོད། བལ་ཡུལ་དགེ་ལྡན་གཙུག་ལག་སློབ་གཉེར་ཁང་གི་རྒྱུགས་སྤྲོད་ཆེན་མོ་ཕྱི་ལོ་༢༠༡༠་བོད་ཟླ་༡༡་ཚེས་༡༣་ཉིན་ཀོ་པན་དགོན་དུ་ཚོགས་གནང་ཡོད་པ་དང་རྒྱུགས་སྤྲོད་ཆེན་མོའི་ནང་དབུ་མ་རྒྱུགས་གཏོང་མཁན་གྲངས་གསུམ་མཛོད་རྒྱུགས་གཏོང་མཁན་གྲངས་གཉིས་འདུལ་བ་རྒྱུགས་གཏོང་མཁན་གྲངས་བདུན་དང་བཙུན་མ་གྲངས་ནས་འཛུལ་བཞུགས་གནང་ཡོད་པ་ལས་ཕར་ཕྱིན་རྒྱུགས་གཏོང་མཁན་གྲངས་བརྒྱད་དབུ་མ་རྒྱུགས་གཏོང་མཁན་གྲངས་གཉིས་བསྡོམས་སློབ་གཉེར་བ་ཉི་ཤུ་མཉམ་བཞུགས་གནང་སྟེ་རྒྱུགས་སྤྲོད་ལེགས་སྒྲུབ་བྱུང་ཡོད།